其他
ཆོས་རྗེ་ཡིད་བཞིན་ནོར་བུའི་འདས་མཆོད་དང་འབྲེལ་བའི་གསུང་བཤད་གལ་ཆེན
ཨ་ཏི་བཀོད་པ་ཆེན་པོའི་རྒྱུད་ལས།
འདས་པའི་ལོ་ཟླ་ཚེས་གྲངས་ལ། །
མ་ནོར་བ་ནི་བརྩིས་བྱས་ནས། །
མཆོད་པའི་རྣམ་པ་སུས་བྱས་པ། །
ཚོགས་གཉིས་རབ་ཏུ་རྫོགས་པར་འགྱུར།
ཚེ་འདིར་ལོངས་སྤྱོང་འཕེལ་བར་འགྱུར། །
དུས་འཁོར་རྩ་རྒྱུད་ལས།
བླ་མ་འདས་པའི་ལོ་ཟླ་ཚེ་གྲངས་དག །
ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །
བསྐལ་པར་བསགས་པའི་སྡིག་ཆེན་རབ་བཅོམ་ནས། །
ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །
སྟོང་གསུམ་སྐྱེ་བོ་མིག་བྲལ་སྲོག་ཉམས་ལ། །
མིག་སྲོག་བྱིན་ཀྱང་དེ་ཡི་དཔེར་མི་ཕོད། །
དེ་སྙེད་སྐྱེ་བོ་དགྲ་བཅོམ་ལ་བཀོད་ནས། །
བསྐལ་པར་མཆོད་པའི་དགེ་བས་དཔེར་མི་བཟོད། །
བསྐལ་པ་གྲངས་མེད་བསགས་པའི་སྡིག་པ་ཡང་། །
མུན་ལ་ཉི་མ་ཇི་བཞིན་མ་ལུས་སེལ། །